Jump to content

སུན་ཀྲུང་ཧྲན།

ཡོང་ཁུངས་Wikipedia
སུན་ཀྲུང་ཧྲན།

སུན་ཀྲུང་ཧྲན་(རྒྱ་སྐད།:孫中山)ནི་ཀྲུང་གོའི་ཆབ་སྲིད་མཁས་ཅན་ཡིན་ཞིང་(ཁོང་ནི་སྤྱི་ལོ་༡༨༦༦ལོའི་ཟླ་བ་༡༡ཚེས་༡༢ནས་སྤྱི་ལོ་༡༩༢༥ལོའི་ཟླ་བ་༣པའི་ཚེས་༡༢བར་བཞུགས།)

མི་ཚེ།

[རྩོམ་སྒྲིག]

སུན་ཀྲུང་ཧྲན་གྱི་མཚན་ལ་ཝུན་དང་མཚན་གཞན་ལ་དབྱི་ཞན་ཟེར། ཀོང་ཏུང་ཀྲུང་ཧྲན་གྱི་མི་ཡིན། ཞང་ཀང་གི་ཕྱི་ལུགས་གསོ་རིག་སློབ་གླིང་ནས་སློབ་མཐར་ཕྱིན། ཀོང་ཀྲོའུ་དང་ཨའོ་མོན་སོགས་སུ་སྨན་བཙོས་ལས་ཀ་གཉེར་དུས་ནས་གསར་བརྗེའི་ལས་འགུལ་ལ་ཞུགས། ༡༨༩༤ལོར། ཐན་ཞང་ཧྲན་དུ་བསྐྱོད་ནས་ཀྲུང་ཧྭ་དར་རྒྱས་ཚོགས་པ་བཙུགས་པ་དང་། ཆིང་སྲིད་གཞུང་ལ་མངོན་གསལ་དུ་ངོ་རྒོལ་བྱས། ཁོང་གིས་སྔ་ཕྱིར་ཀོང་ཀྲོའུ་དང་ཧུའེ་ཀྲོའུ་ནས་གྱེན་ལང་ཐེངས་མང་རྩ་འཛུགས་བྱས་ནའང་ཚང་མ་ཕམ་པས། ཐེངས་དུ་མར་ཕྱི་རྒྱལ་དུ་མི་འབྱོལ་ཐབས་མེད་བྱུང་། ༡༩༠༥ལོའི་ཟླ༨པར། ཀྲུང་གོའི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེའི་ཚོགས་པ་ཐེངས་དང་པོ་སྟེ་ཀྲུང་གོའི་མནའ་འབྲེལ་ཚོགས་པ་ལྗར་པན་རྒྱལ་ཁབ་ཏུ་བཙུགས་ཤིང་སུན་ཀྲུང་ཧྲན་ཙུང་ལི་ལ་བསྐོས། མནའ་འབྲེལ་ཚོགས་པས་མི་རིགས། དམངས་དབང་། དམངས་འཚོ་ཟེར་བའི་དམངས་གསུམ་རིང་ལུགས་ཀྱི་འདོད་ཚུལ་བསྒྲགས་ཤིང་། འདོད་ཚུལ་དེ་ཀྲུང་གོའི་འབྱོར་ལྡན་གྲལ་རིམ་གསར་བརྗེའི་རྩ་གནད་དུ་བཟུང་། ལྕགས་ཕག་ལོའི་གསར་བརྗེའི་ཕྱིས་སུ། མནའ་འབྲེལ་ཚོགས་པའི་མིང་བརྗེས་ནས་གོ་མིན་ཏང་དུ་བཏགས་ཤིང་། མུ་མཐུད་དུ་དམངས་གསུམ་རིང་ལུགས་ལག་ལེན་དུ་བསྟར་ཏེ་དམག་ཤེད་ཅན་གྱི་དབང་སྒྱུར་ལ་ངོ་རྒོལ་བྱས། ༡༩༢༥ལོའི་ཟླ་༣པའི་ཚེས་༡༢ཉིན། སུན་ཀྲུང་ཧྲན་པེ་ཅིང་གྲོང་ཁྱེར་དུ་སྐུ་འདས། []

པར་རིས་བར་འཁྱམས།

[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།

[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག:

  1. "ལོ་རྒུས་བཤད་པ།" ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧

དཔྱད་གཞིའི་དཀར་ཆག།

[རྩོམ་སྒྲིག]

ད་དུང་གཟིགས།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]