Jump to content

བླ་མ།

ཡོང་ཁུངས་Wikipedia
   ནང་དོན་འདིའི་རེ་བ།གཙང་མ་བཟོས་པ། .
ཁྱེད་ཀྱིས་ཐུབ་ན་ནང་དོན་འདིར་བཟོ་བཅོས་ལེགས་པར་གྱིས།
པེ་ཅིན་གྱི་བླ་མ་ 1913
པེ་ཅིན་གྱི་བླ་མ་ 1913

ཐུགས་རྒྱུད་ཡོན་ཏན་གྱིས་ཕྱུག་པའི་སློབ་དཔོན་དྲིན་ཅན་ལ་ཟེར། གསང་སྔགས་སུ་དཀོན་མཆོག་ཀུན་འདུས་ཀྱི་རང་བཞིན་ཅན་ལ་བླ་མ་ཞེས་ཞུ། དྲིན་གྱི་སྒོ་ནས་ལྕི་བ་ཕ་མ་ལའང་སྐབས་འགར་བླ་མ་ཞེས་བརྫོད་རུང་བ་ལྟ་བུ་རེད།== ==

བླ་མ་ནི་བླ་ན་མེད་པའམ་གོང་ན་མེད་པའི་དོན་དུ་འཇུག་གོ །བླ་མ་མེད་པའི་གོང་ན་ཆོས་མེད་པ་དང་། ཆོས་མེད་པའི་གོང་ན་དགེ་འདུན་ཡོད་མི་སྲིད། བླ་མས་ཆོས་གསུངས་པ་དོན་དུ་གཉེར་མཁན་ལ་དགེ་འདུན་ཟེར། དེ་ཡང་སོ་ཐར་རིས་བདུན་གང་རུང་གི་ཁྲིམས་དང་ལྡན་པ་ཞིག་དགོས། དད་པ་ཅན་གྱིས་སེམས་སུ་འཁོར་བའི་ལོངས་སྤྱོད་ལ་སྙིང་པོ་མེད་པར་མཐོང་སྟེ་ཆོས་ཚུལ་བཞིན་དུ་སྒྲུབ་པ་མཐར་ཕྱིན་ནས་སངས་རྒྱས་པར་འགྱུར། སངས་རྒྱས་ནས་ཀྱང་འགྲོ་བ་རྣམས་ལ་རྗེས་སུ་ཆགས་པས་འཇིག་རྟེན་གྱི་སྡུག་བསྔལ་མཐའ་དག་བསལ་བའི་ནུས་པ་འབྱུང་བ་ནི་ལྟ་བ་རྟེན་འབྱུང་ལ་ཡིད་ཆེས་དང་ཉམས་ལེན་བྱས་པས་རེད། ང་ཚོ་ནང་པ་སངས་རྒྱས་པས་བླ་མ་མེད་པའི་གོང་ན་སངས་རྒྱས་མེད་པར་སྨྲ་བ་དང། སངས་རྒྱས་ལ་ནི་ཐུགས་རྗེ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པས་རང་ཉིད་སངས་རྒྱས་ཏེ་འ��ོར་བའི་ཞེན་ཆགས་ཡོང་སུ་སྤངས་ཟིན་ན་ཡང་། ད་དུང་གཞན་དོན་གནང་འདོད་པའི་སྙིང་རྗེ་ཆེན་པོས་འགྲོ་བ་རྣམས་རྗེས་སུ་འཛིན་རྒྱུའི་ཐུགས་དགོངས་ཡོད། དེས་ནི་ནང་པ་སངས་རྒྱས་པའི་ཐེག་ཆེན་གྱི་མདོ་ལས་གསུངས་པའི་རང་གི་གཞན་དོན་སྒྲུབ་རྒྱུའམ། གཞན་ལ་དྲིན་ཆེ་བར་་ཤེས་ཐུབ་པའི་སྙིང་རྗེ་ཅན་གྱི་ཆོས་ལུགས་ཤིག་ཡིན་པ་ལ་ང་རང་ནས་ཡིད་ཆེས་ཡོད། ངས་ཆོས་ཀྱི་ནང་དོན་གཏིང་ཟབ་རྒྱ་ཆེ་ཞིག་མི་ཤེས་ཀྱང་། སངས་རྒྱས་ནི་གང་ལྟར་རང་དོན་དུ་རྦད་དེ་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་གཞན་དོན་དུ་གསུངས་པའི་བཀའ་རྣམས་བླ་མ་སྐྱེས་ཆེན་རྣམ་པས་འགྲེལ་པ་མཛད། སངས་རྒྱས་ཀྱི་དགོངས་པ་དང་མཐུན་པར་གོ་བདེ་བར་གསུངས་པས་དད་ལྡན་རྣམས་ལ་བྱ་བ་བཟང་པོ་སྟེ་དགེ་བ་སྒྲུབ་པར་བསྐུལ་བ་རེད། རྒྱུ་མཚན་དེས་བླ་མ་ནི་བླ་ན་མེད་པའམ་གོང་ན་མེད་པའི་སྐྱེས་ཆེན་ཞིག་རེད། ང་ཚོའི་ཡོད་ཚད་རེ་བ་བཅོལ་ཡུལ་ཞིག་ཀྱང་མ་རེད་དམ།

"https://bo.wikipedia.org/w/index.php?title=བླ་མ།&oldid=136206"ལས་སླར་རྙེད་སོང།